中国西藏网 > 即时新闻 > 国内

2018《中国藏歌榜歌友会》特别节目“藏晚我来了” 网络报名开始啦!!!

发布时间:2018-11-05 16:19:00来源: 香巴拉音乐

ཁྱེད་རང་བོད་གླུ་ལེན་རྒྱུ ་སྤྲོ་བ་ཨེ་ཡོད།

ཁྱེད་རང་གིས་ཁམས་པའི་བརྙན་འཕྲིན་ཁང་གི་༢༠༡༩ལོའི་བོད་ཀྱི་ལོ་སར་བརྙན་འཕྲིན་དགོང་ཚོགས་ཀྱི་གར་སྟེགས་ནས་གླུ་ཞིག་བླངས་ན་འདོད་དམ།

你爱唱藏歌吗?

你想登上康巴卫视2019藏历新年电视联欢会的舞台吗?

ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་མི་རིགས་རླུང་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། སི་ཁྲོན་ཤམ་བྷ་ལ་རིག་གནས་གཏོང་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་དང་ཁྲེང་ཏུའུ་ཧྥུའུ་ལེན་རིག་གནས་རྒྱ་ཁྱབ་ཚད་ཡོད་སྤྱི་གཉེར་ཁང་གིས་མཉམ་འབྲེལ་སྒྲུབ་འགན་ཁུར་བའི་༢༠༡༨ལོའི་《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས་》ཀྱི་དམིགས་བསལ་ལེ་ཚན་༼གླུ་ལེན་ན་ལོ་སར་ཚེས་དུས་ལེན་༽ཞེས་པས་ཁྱེད་ལ་ཐད་ཀར་ཁམས་པའི་བརྙན་འཕྲིན་ཁང་གི་༢༠༡༩ལོའི་བོད་ཀྱི་ལོ་གསར་བརྙན་འཕྲིན་དགོང་ཚོགས་ཀྱི་གར་སྟེགས་སུ་འགྲོ་བའི་གོ་སྐབས་སྟེར་ཅིང་། ཁྱེད་ཀྱི་རོལ་དབྱངས་ཕུགས་བསམ་གྱི་སྒོ་མོ་འདི་ནས་ཕྱེ་ངེས་ཡིན།

由康巴卫视、四川广播电视台民族频率主办,四川香巴拉文化传媒有限公司、成都福莲文化传播有限公司联合承办的2018《中国藏歌榜歌友会》特别节目“藏晚我来了”活动将送你直通康巴卫视2019藏历新年电视联欢会的舞台,为你开启音乐梦想之门!

ང་ཚོས་ཁྱོད་རང་བོད་ཀྱི་ལོ་གསར་དགོང་ཚོགས་སྟེང་གི་སྐར་ཆེན་དེ་རུ་འགྱུར་བར་གདན་འདྲེན་ཞུ།

从这一刻起,我们邀请你成为下一个“藏晚”新星!

སྤྱི་ཟླ་༡༠པའི་ཚེས་༣༡ཉིན་༼གླུ་ལེན་ན་ལོ་སར་ཚེས་དུས་ལེན་༽ཞེས་པའི་བྱེད་སྒོའི་སྔོན་བརྡ་བཏང་བ་ནས་བཟུང་། རྒྱ་ཆེའི་དྲ་གྲོགས་རྣམས་ཀྱི་དགའ་བསུ་དང་དཔྱད་བརྗོད་མང་པོ་ཐོབ་ཅིང་། དྲ་གྲོགས་མང་པོ་ཞིག་གིས་ཅི་ལྟར་མིང་ཐོ་འགོད་དགོས་པ་དང་འགྲན་སྡུར་གྱི་བརྒྱུད་རིམ་ཅི་འདྲ་ཡིན་པའི་སྐོར་ལ་དྲི་བ་གང་མང་འདོན་བཞིན་འདུག དེ་བས་རྩོམ་སྒྲིག་པས་འདི་ནས་ཁྱེད་ལ་ཐོ་འགོད་བརྒྱུད་རིམ་གསལ་བོ་ཞིག་བཤད་ཡ།

10月31日“藏晚我来了”活动预告一经发出,就受到众多网友的热情响应。有很多网友都在询问如何报名,下面小编就来跟你梳理操作步骤,完成报名!

ཞིབ་བཤེར་བྱས་པའི་བརྩམས་ཆོས་དག་བྱེད་སྒོའི་དྲ་ངོས་སུ་འགེལ་རྒྱུ་ཡིན་ལ། ཟླ་༡༡པའི་ཚེས་༡༢ནས་བཟུང་འདེམས་ཤོག་འཕེན་པའི་དྲ་སྒོ་དངོས་སུ་ཕྱེ་རྒྱུ་ཡིན། བརྩམས་ཆོས་ཀྱི་འདེམས་ཤོག་མང་ཉུང་ལ་བལྟས་ནས་ང་ཚོས་ཨང་རིམ་ལྟར་འགྲན་ཞུགས་པ་༡༧་དང་《ཀྲུང་གོ་བོད་གླུའི་པང་》གི་འོས་སྦྱོར་གླུ་པ་༡༠། དེ་མིན་༢༠༡༨ལོའི་《ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས་》ཀྱི་ཕུལ་བྱུང་ཞེན་མི་༣་བཅས་ཁྲེང་ཏུའུ་རུ་འཛོམས་ཏེ་འགྲན་སྡུར་སྤེལ་རྒྱུ་ཡིན།

通过审核的作品就可以在活动页展播了!11月12日投票通道将正式开启,根据作品得票数,我们将邀请票数前17名选手和《中国藏歌榜》推荐的10名打榜新歌手,以及2018年度《中国藏歌榜》歌友会推荐的3名粉丝歌手,一起齐聚成都,进行比赛哟~

གསལ་བརྡ་གཏོང་རྒྱུ་ཞིག་ལ། འདེམས་སྒྲུག་ལས་ཐོན་པའི་འགྲན་ཞུགས་པ་ཚོའི་ལམ་གླ་དང་མགྲོན་ཁང་དང་ཟས་རིན་(ཁྲེང་ཏུའུ)ངེད་ཅག་གི་ཁུར་བཞིན་ཡོད།

注意啦!只要海选入围,来到成都参赛的往返交通及食宿,我们都承包了!

མཇུག་མཐའི་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཁམས་པའི་བརྙན་འཕྲིན་ཁང་གི་༢༠༡༨ལོའི་བོད་ཀྱི་ལོ་གསར་བརྙན་འཕྲིན་དགོང་ཚོགས་སུ་ཞུགས་ཐུབ་ཅིང་། ཁྱེད་ཀྱི་གླུ་སྐད་སྙན་མོ་བོད་ཡུལ་ཀུན་ལ་ཁྱབ་ཏུ་འཇུག་རྒྱུ་ཡིན།

最终冠亚季军选手,将直通康巴卫视2019年藏历新年电视联欢会,让您在梦想的舞台展现最美的风采!

(ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ནས་བྱེད་སྒོར་ཞུགས་དང་།)

(扫描二维码进入活动页面)

报名通道:

http://2019zw.kangbatv.com

(责编: 刁怀山)

版权声明:凡注明“来源:中国西藏网”或“中国西藏网文”的所有作品,版权归高原(北京)文化传播有限公司。任何媒体转载、摘编、引用,须注明来源中国西藏网和署著作者名,否则将追究相关法律责任。