ལོ་བདུན་ཕྱིན་རྗེས་སུ་སླར་ཡང་བོད་ལྗོངས་སུ་འཚམས་འདྲིར་ཡོང་སྐབས། ལོ་སིའི་ཀྲུང་དབྱང་ནང་བསྟན་མཐུན་འབྲེལ་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པ་སྟེ། Amarin Bounviseshཡིས་སྔར་བཞིན་ཁ་བའི་ལྗོངས་འདི་རང་གི་སེམས་དབུས་ཀྱི“ཕ་ཡུལ་གཉིས་པར”བརྩི་བཞིན་ཡོད། ལྟ་སྐོར་འཚམས་འདྲི་བྱེད་པའི་རིང་ལ་རྟག་ཏུ་འཛུམ་མདངས་རྒྱས་པའི་ལོ་སིའི་གྲོགས་པོ་འདིས། ལས་དོན་པ་དང་མང་ཚོགས་སམ་ཡང་ན་སྨྱན་སྦྱོར་གྱི་གསར་འགོད་པ་བཅས་སུ་ཞིག་ལ་འཕྲད་ཀྱང་རང་འགུལ་ངང་མདུན་དུ་བཅར་ནས་འཚམས་འདྲི་ཞུ་གི་ཡོད། ངལ་གསོ་སྐབས་སུ་ཁོང་ཡང་གསར་འགོད་པའི་དཀྱིལ་དུ་འཛུལ་ཏེ་མཐོང་ཐོས་བཤད་པ་དང་ལོ་སིའི་ནང་བསྟན་རིག་གནས་དང་ཡུལ་སྲོལ་གོམས་གཤིས་སྐོར་གླེང་གི་ཡོད།
ད་ལོ་ནི་ཀྲུང་གོ་དང་ལོ་སིའི་དབར་ཕྱི་འབྲེལ་བཙུགས་ནས་ཏག་ཏག་ལོ་ངོ65འཁོར་བ་དང་འཁེལ་བས།ད་ཐེངས་དུས་ཡུན་ཉིན་གསུམ་གྱི་རིང་ལ་བོད་ལྗོངས་སུ་འགྲུལ་བཞུད་བྱས་པ་དེས་ཁོང་ལ་ཡང་བསྐྱར་རྒྱལ་མཚམས་ཀྱི་དབྱེ་བ་མེད་པའི་དྲོ་སྐྱིད་ཚོར་དུ་བཅུག་པར་མ་ཟད། རྒྱལ་ཁབ་གཉིས་ཀའི་རིག་གནས་སྤེལ་རེས་དང་མཛའ་གྲོགས་རྒྱུན་འཛིན་ལ་རེ་སྒུག་དེ་བས་ཆེ་རུ་ཕྱིན་ཡོད།
ལོ་སི་ཀྲུང་དབྱང་ནང་བསྟན་མཐུན་འབྲེལ་ལྷན་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་གཞུང་དོན་ཐིང་གི་ཀྲུའུ་རེན་གཞོན་པAmarin Bounvisesh
ཡང་བསྐྱར་ལྷ་སར་སླེབས་བྱུང་། འགྱུར་ལྡོག་མེད་པའི་མཛའ་བརྩེ་དང་རི་ཆུས་འབྲེལ་བའི་མཛའ་གྲོགས།
2019ལོརAmarinབོད་ལྗོངས་སུ་ཐེངས་དང་པོ་ཡོང་སྐབས་སུ། འདི་གའི་ནང་བསྟན་རིག་གནས་ཀྱི་རྣམ་པ་ཟབ་མོ་དང་བབ་ཆགས་པའི་དམངས་སྲོལ་ཀྱིས་ཁོ་ལ་སེམས་འགུལ་ཐེབས་སུ་བཅུག་ཡོད། ལོ7སོང་རྗེས་སུ། ལྷ་སའི་གྲོང་ཁྱེར་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་འདུག་སྟེ། ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་བྱས་ཤིང་། དེང་རབས་ཅན་གྱི་སྤྱི་པའི་འགྲིམ་འགྲུལ་གྲོང་ཁྱེར་ཡོངས་སུ་ཁྱབ་པ་དང་། སྲོལ་རྒྱུན་གྱི་བོད་ཁང་དང་གཙང་སྦྲ་དོད་པའི་ཚོང་ལས་ཁྲོམ་གཞུང་གཅིག་ལ་གཅིག་རྒྱན་གྱི་ཚུལ་དུ་གནས་ཡོད།
“འདི་གའི་མི་རྣམས་ཀྱི་སེམས་པ་ཧ་ཅང་རྣམ་དག་ཡིན་པ་དང་མི་གཞན་ལ་ལྷག་བསམ་གཙང་མ་ཡིན་ལ་སེམས་རྒྱུད་ཧ་ཅང་བཟང་བ་ཚོར་བྱུང་། ཉིན་གསུམ་གྱི་རིང་ལ། མཛེས་ལྗོངས་ཁུལ་གྱི་འགྲེལ་བཤད་པ་དང་ཁྲོམ་གཞུང་གི་ཚོང་པ་ཡིན་ནའང་འདྲ། ཡང་ན་ལམ་བར་དུ་འཕྲད་པའི་མི་སེར་དཀྱུས་མ་ཡིན་ནའང་འདྲ། ཚང་མ་ཧ་ཅ་སྤྲོ་སེམས་འཁོལ་བ་ཡིན་འདུག”ཅེས་བརྗོད། འཁོན་སེམས་སྤུ་ཙམ་ཡང་མེད་པའི་སྙིང་ཉེ་བའི་རྣམ་པ་འདི་ལས་ཁོང་ལ་རྟག་ཏུ“རང་ཉིད་ཀྱི་ཕ་ཡུལ་དུ་ལོག་པ”ལྟ་བུའི་ཚོར་སྣང་སྐྱེས་སུ་འཇུག་གིན་ཡོད།བོད་ཟས་ཀྱི་བྲོ་བ་དང་ལོ་སིའི་ཚལ་ལ་འདྲ་བའི་ཆ་མང་པོ་འདུག་པས། རྒྱུས་ཆེ་བའི་སྣང་བ་ཡོང་གི་འདུག”ཅེས་བཟའ་བཏུང་ཐད་ཀྱི་རྒྱུས་མངའ་ཆེ་བའི་སྣང་བ་ལས་ཁོང་ལ་དྲོ་སྐྱིད་སྦྱིན་ཡོད།
ཀྲུང་ལོ་རྒྱལ་ཁབ་གཉིས་ཀའི་མཛའ་གྲོགས་སྔ་མོ་ནས་ཕན་ཚུན་གྱི་འཚོ་བའི་ནང་འདྲེས་ཡོད།
Amarinཡིས།ལོ་སིའི་རྒྱལ་ཁབ་ཀྱི་ས་ཁྱོན་ཆེན་པོ་མེད་ཀྱང་ཀྲུང་གོ་སྲིད་གཞུང་གིས་ལོ་སིར་ཕངས་མེད་རོགས་རམ་བྱེད་ཀྱི་ཡོད། ལྷག་པར་དུ་ཀྲུང་གོ་དང་ལོ་སིའི་དབར་ལྕགས་ལམ་ཤར་གཏོང་བྱས་རྗེས་སུ། རྒྱལ་ཁབ་གཉིས་ཀའི་མི་དམངས་བར་གྱི་འགྲོ་འོང་སྔར་བྱུང་མྱོང་མེད་པའི་སྟབས་བདེ་རུ་ཕྱིན་ཡོད་ཅེས་བཤད།
“ད་ཆ་ལོ་སིའི་མི་མང་པོ་ཞིག་གིས་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་བརྒྱུད་ ནས་འགྲོ་མྱོང་ཡོད་དེ་ཁུན་མིང་དུ་སྐྱོད་པར་ཆུ་ཚོད་ཁ་ཤས་ལས་འགོར་གྱི་མེད་པས།དེ་སྔར་ལས་སྟབས་བདེ་པོ་ཡོད། ཀྲུང་གོའི་མི་སྔར་ལས་མང་བ་ལོ་སིར་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་གྱི་ཡོད་པས་སྔོན་ཐོན་གྱི་ལག་རྩལ་དང་ཉམས་མྱོང་འཁྱེར་ཡོད་ལ། ལྷག་བསམ་ཟོལ་མེད་ཀྱི་མཛའ་གྲོགས་ཀྱང་ཆགས་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་རྒྱུན་གཏན་གྱི་འགྲོ་འོང་བྱེད་སྐབས་སུ་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད་པས་མཛའ་གྲོགས་དེ་ལྷག་པར་རྩ་ཆེན་པོ་ཡོད”ཅེས་བཤད།
ཟླ4པའི་ཚེས22ཉིན། རྒྱལ་ཁབ་མང་པོའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་བོད་ལྗོངས་ཀྱི་ལྷ་ལྡན་གཙུག་ལག་ཁང་དུ་ལྟ་སྐོར་བྱས་པ།
མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་པ། ཐང་ག་ནི་རྒྱལ་མཚམས་ཀྱི་དབྱེ་བ་མེད་པའི་རིག་གནས་ཀྱི་མཆོག་ནོར་ཞིག་ཡིན།
ད་ཐེངས་བོད་ལྗོངས་སུ་ཡོང་བ་བརྒྱུད།Amarinལ་བག་ཆགས་ཟབ་མོ་བཞག་ཡོད་པ་དེ་ནི་བོད་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ལ་བརྒྱུད་རིམ་ལྡན་པའི་སྲུང་སྐྱོང་དང་གསོན་ཉམས་ལྡན་པའི་རྒྱུན་འཛིན་བྱས་པ་དེ་རེད། དུས་ཡུན་ཐུང་ཐུང་ཉིན་གསུམ་གྱི་རིང་ལ། ཁོང་གིསསྔ་རྗེས་སུ་ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་གི་ལྡེབས་རིས་ལ་ལྟ་སྐོར་བྱས་པར་མ་ཟད། ད་དུང་གཞིས་རྩེའི་ཐང་གའི་སློབ་གྲྭར་བསྐྱོད་དེ་ན་གཞོན་ལྷ་བཟོ་བའི་གསར་རྩོམ་ལའང་བལྟས།
“ ཧ་ཅང་ངོ་མཚར་རྨད་དུ་བྱུང་བ་ཞིག་རེད། རང་བྱུང་གི་རྡོ་ཚོན་ལོ་བརྒྱ་ལྷག་རིང་ཉར་ཚགས་བྱེད་ཀྱང་ཚོས་གཞི་ལོག་གི་མི་འདུག”ཅེས་ཐང་གའི་སློབ་གྲྭརAmarinཡིས་སྤྲོ་སྣང་ཆེན་པོས་རྡོ་ཚོན་བཟོ་བའི་བརྒྱུད་རིམ་ལ་རྒྱུས་ལོན་བྱས་། ཁོང་གིས་ཐང་ག་ནི་རི་མོ་ཙམ་མ་ཟད་བོད་ཀྱི་རིག་གནས་ཀྱི་གཙུག་ནོར་ཞིག་དེ་བས་ཀྱང་རེད། སྒྱུ་རྩལ་འདི་རིགས་ཀྱིས་བོད་རིགས་མི་དམངས་ཀྱི་དད་པ་དང་བློ་གྲོས་མཚོན་པས་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་བསམ་པའི་རིན་ཐང་ལྡན་ཡོད་ཅེས་བཤད།
ལྷག་པར་དུ་ཁོང་ཧང་སངས་དགོས་པ་ཞིག་ནི། བོད་ལྗོངས་ཀྱིས་ཐང་ག་རྒྱུན་འཛིན་བྱེད་པར་འཐུས་སྒོ་ཚང་བའི་མ་ལག་བཙུགས་ཡོད།“འདི་གར་ཆེད་ལས་རང་བཞིན་ཅན་གྱི་ཐང་གའི་སློབ་གྲྭ་ཡོད་པ་དང་། ན་གཞོན་མང་པོ་ཞིག་ཆུང་དུས་ནས་ལག་རྩལ་དེ་སྦྱོང་གི་ཡོད་འདུག ཁོང་ཚོས་སྲོལ་རྒྱུན་གྱི་ལག་རྩལ་ཤེས་པར་མ་ཟད། ད་དུང་དེང་རབས་ཀྱི་མཛེས་དཔྱད་འདུ་ཤེས་ཀྱང་མཉམ་འདྲེས་བྱེད་ཐུབ་ཀྱི་འདུག “སློབ་གྲྭ་དང་བཟོ་ཁང་ཟུང་དུ་འབྲེལ་བའི”རྒྱུན་འཛིན་བྱེད་སྟངས་འདི་ལོ་སིས་དཔྱད་གཞིར་འཛིན་རིན་ཆེན་པོ་ཡོད། ལོ་སིར་ཡང་ནང་བསྟན་སྒྱུ་རྩལ་གྱི་ཤུལ་བཞག་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་རྒྱུན་འཛིན་པ་དཀོན་པའི་གནད་དོན་ཡང་འཕྲད་ཀྱི་ཡོད། ཕྱིར་རང་རྒྱལ་དུ་ལོག་རྗེས་སུ་བོད་ལྗོངས་སུ་མཐོང་བའི་ཉམས་མྱོང་ལོ་སིའི་རིག་གནས་དང་ཆོས་ལུགས་ལས་རིགས་ཀྱི་མི་སྣར་མཉམ་སྤྱོད་བྱས་ཏེ། རྒྱལ་ཁབ་གཉིས་པོས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཁྱབ་ཁོངས་སུ་སྤེལ་རེས་མཉམ་ལས་དེ་བས་མང་བ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། དེའི་ཆེད། ཁོང་གིས་ཆེད་དུ་ཐང་ག་ཆུང་ཆུང་འགའ་ཉོས་ནས“ལོ་སི་ཀྲུང་དབྱང་ནང་བསྟན་མཐུན་འབྲེལ་ལྷན་ཚོགས་ཀྱི་ལས་རོགས་ཚོར་སྤྲད་དེ་རིག་གནས་ཀྱི་ཉམས་འགྱུར་མཉམ་སྤྱོད་བྱ་རྩིས་ཡོད” ཅེས་བཤད།
རྒྱལ་ཁབ་མང་པོའི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་བོད་ལྗོངས་གཞིས་རྩེའི་ཐང་གའི་སློབ་གྲྭར་ཐང་གའི་བརྩམས་ཆོས་ལ་བལྟས་པ།
རིག་གནས་ཀྱི་སེམས་མཐུན། ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་གསེར་ལས་ལྷག
ཀྲུང་གོ་དང་ལོ་སིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ65འཁོར་བའི་དམིགས་བསལ་གྱི་དོན་སྙིང་ལྡན་པའི་ལོ་འདིར། ཀྲུང་གོར་འཚམས་འདྲིར་ཡོང་བར་མ་ཟད། བོད་ལྗོངས་སུ་དམངས་ཁྲོད་རིག་གནས་ལ་ལྟ་བར་ཡོང་བ་དེ་ནིAmarinཡི་ངོས་ནས་བརྗོད་ན་མྱོང་ཚོར་མི་འདྲ་བ་ཞིག་ཡོད།
“ ལོ་ངོ65ཡི་རིང་། ཀྲུང་ལོ་རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་མཛའ་གྲོགས་ཟབ་མོ་ཆགས་ཡོད། ནང་བསྟན་ལས་རིགས་ཀྱི་མི་སྣ་ཞིག་གི་ངོས་ནས་བརྗོད་ན།ནང་བསྟན་རིག་གནས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་པ་འབྲེལ་མཐུད་ཀྱི་སྦྲེལ་ཐག་གལ་ཆེན་ཞིག་ཡིན་པ་གཏིང་ཟབ་ཚོར་བྱུང་། རྒྱལ་ཁབ་གཉིས་པོའི་ཆོས་ལུགས་ཀྱི་བསྟན་དོན་དང་རིག་གནས་སྲོལ་རྒྱུན་ཐད་ཐུན་མོང་གི་ཆ་མང་པོ་ཡོད་པས། ཕྱོགས་གཉིས་པོའི་སྤེལ་རེས་དང་མཉམ་ལས་ལ་རྨང་གཞི་བརྟན་པོ་བཏིང་ཡོད”ཅེས་བཤད།
Amarinཡིས་ཀྲུང་གོ་དང་ལོ་སིའི་ལས་དབང་གཅིག་མཐུན་ཚོགས་པ་ནི་དཔལ་འབྱོར་ཐད་ཀྱི་མཉམ་ལས་གཉིས་ཕན་ཙམ་མ་ཟད། རིག་གནས་ཐད་ཕན་ཚུན་རྒྱུས་ལོན་བྱེད་པ་ཞིག་དེ་བས་ཀྱང་རེད། རིག་གནས་སྤེལ་རེས་ལས་རྒྱལ་ཁབ་གཉིས་ཀའི་མི་དམངས་དབར་ཕན་ཚུན་རྒྱུས་ལོན་དང་ཕན་ཚུན་ཡིད་ཆེས་དེ་བས་ཟབ་ཏུ་ཕྱིན་ནས། ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་ཀྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད་ཅེས་བཤད།
“ད་ཐེངས་བོད་ལྗོངས་སུ་ཡོང་བ་བརྒྱུད་ངས་མངོན་སུམ་དང་། ཇི་མ་ཇི་བཞིན། ཕྱོགས་ཡོངས་བཅས་ཀྱི་ཀྲུང་གོ་ཞིག་མཐོང་བྱུང་ལ། ཀྲུང་གོའི་མི་རིགས་སྲིད་ཇུས་དང་རིག་གནས་སྲུང་སྐྱོང་ལས་དོན་ལའང་ངོས་འཛིན་དེ་བས་གཏིང་ཟབ་བྱུང་།”
ཟླ4པའི་ཚེས22ཉིན། ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་བཞིན་པའིAmarin
འཚམས་འདྲིའི་བྱེད་སྒོ་མཇུག་འགྲིལ་རྗེས་སུ།Amarinཡིས་ང་ཚོ་དང་ཞལ་གྱེས་ཞུ་སྐབས་སུ་ཁོང་གི་ངོ་གདོང་ནས་སྔར་བཞིན་མཛའ་བརྩེའི་འཛུམ་མདངས་འཕྱུར་བཞིན་འདུག ཁོང་གིས་ད་ཐེངས་བོད་ལྗོངས་སུ་ཡོང་ནས་མཛེས་སྡུག་ལྡན་པའི་དྲན་ཤེས་མང་པོ་ཞིག་བཞག་བྱུང་ཞེས་བཤད།
“ ངས་བོད་ལྗོངས་ནས་མཐོང་ཐོས་བྱུང་བ་ཚང་མ་ལོ་སིའི་མི་དམངས་ལ་བརྗོད་རྒྱུ་ཡིན། འབྱུང་འགྱུར་ལོ་སིའི་གཞོན་ནུ་དེ་བས་མང་བ་ཀྲུང་གོ་དང་བོད་ལྗོངས་སུ་ཡོང་ནས་ཀྲུང་གོ་དང་ལོ་སིའི་མཛའ་གྲོགས་ཀྱི་རྒྱུན་འཛིན་པར་འགྱུར་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་པོའི་དབར་གྱི་མཛའ་གྲོགས་དེ་ཐང་གའི་ཚོན་མདོག་དང་འདྲ་བར་ཡུན་རིང་བཀྲག་མདངས་འཚེར་བ་དང་ནམ་ཡང་ཚོས་གཞི་མི་ལོག་པའི་ཡིད་ཆེས་ཡོད།”
版权声明:凡注明“来源:中国西藏网”或“中国西藏网文”的所有作品,版权归高原(北京)文化传播有限公司。任何媒体转载、摘编、引用,须注明来源中国西藏网和署著作者名,否则将追究相关法律责任。